R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༩བ
[A:༩བ]ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་འདྲ། ཡན་ན། རྗེ་ས་པཎ། གློ་བོ་ལོ་ཙཱ་བ། འཕགས་པ་རིན་པོ་ཆེ། ལོ་ཙཱ་བ་མཆོག་ལྡན། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ་མན་འདྲའོ། །གཞན་ཡང་བརྒྱུད་རིམ་ཅུང་མི་འདྲ་བ་ཡོད་པ་རྣམས་ཀུན་བློའི་གསན་ཡིག་སོགས་ན་གསལ་གསུངས། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཡིག་ཆའི་དགོངས་དོན་བཞིན་སྔགས་འཆང་ཆོས་ཀྱིས་རྒྱལ་པོ་ཀུན་དགའ་རིན་ཆེན་གྱིས་མཛད་པའི་གསལ་བྱེད་རིན་ཆེན་ཕྲེང་བའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་ཡན་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྐབས་ལྟར་དང་། དེ་ནས་འཁོན་ཤེས་རབ་རྡོ་རྗེ། འཁོན་ཐུགས་རྗེ་ཤེས་རབ། སྔགས་འཆང་དྷརྨ་ཀིརྟི། འཕགས་པ་ནམ་མཁའི་སྙིང་པོ། རྒྱ་གར་ཤེས་རབ་རྒྱལ་མཚན། ས་ལོ་འཇམ་པའི་རྡོ་རྗེ། སྤྱན་སྔ་ངག་དབང་ཆོས་གྲགས། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་དབྱངས་བསོད་ནམས་དབང་པོ། སྤྱན་སྔ་ཀུན་དགའ་དོན་གྲུབ། འཇམ་མགོན་ཨ་མེས་ཞབས། བདག་ཆེན་བསོད་ནམས་དབང་ཕྱུག །འཇམ་དབྱངས་ཀུན་དགའ་བཀྲ་