R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༠ན
[A:༡༠ན]ཤིས། སུམ་ལྡན་དཀོན་མཆོག་རྒྱལ་པོ། འཇམ་དབྱངས་བསོད་ནམས་རིན་ཆེན། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས། ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་། ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག །ཡབ་རྗེ་མངྒའི་མཚན་ཅན། རྡོ་རྗེ་འཆང་ཀུན་དགའ་སྙིང་པོ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན། ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན། དེས་བདག་ལ་གནང་བའོ། །ཡང་ན། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་སོགས་ཀུན་བློའི་གསན་ཡིག་ལྟར་རོ། ། ༈ རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་རྒྱུད་དང་མན་ངག་རྣམས། རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲོ་ཤེས་རབ་བློ་བརྟན་ཏེ། གཏེར་སྟོན་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་སྤྱན་དྲངས་པ་འབྲུག་ཚང་གི་གཉགས་སྟོན་ལ་ཤོག་སེར་སྟེང་ནས་ལན་གཅིག་ཙམ་ལས་སྤེལ་རྒྱུ་མ་བྱུང་བས་རེ་ཞིག་རྒྱུན་མ་འཕེལ། ཕྱིས་སུ་གྲུབ་ཐོབ་འདར་ཕྱ་རུ་བ་ལ་སློབ་དཔོན་པདྨས་ཞང་ཚེ་ཟླ་གྲགས་བྱ་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་རྫོགས་པར་གནང་། སྔགས་ཀྱི་ཨོཾ་ཧྲཱིཿརུ་བསྒྱུར་ལ་སྒྲུབས་ཤིག་གསུངས། སྔར་གྱི་གཏེར་རྒྱུད་ཀྱང་རྩད་ཆོད་