R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༠༠བ
[A:༡༠༠བ]ཕྱོགས་སྐྱོང་བཅུས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་འཇིགས་བྱེད་དགུས་བསྐོར་བའི་དཀྱིལ་འཁོར། ཕྱག་ན་རྡོ་རྗེ་ལ་ལྷ་ཆེན་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་ཏེ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བཅས་མདོར་ན་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སུ་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། ཛི་ན་མི་ཏྲ། སྭསྟི་ཕ་ལ། སྒྲ་གཅན་འཛིན། པྲ་ཛྙཱ་པ་ལི་ཏ། ཁ་ཆེ་ཡེ་ཤེས་རྡོ་རྗེ། པ་ར་ཧི་ཏ། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ཁ་ཆེ་དྷརྨ་པཱ་ལ། ཛྙཱ་ན་ཤྲཱི། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། གཤེན་སྟོན་རྡོ་རྗེ་སེང་གེ །བླ་མ་རྒྱ་གསར་བ། འབྲོམ་ཛི་ཏི་པ། སྙི་མདོ་བསོད་ནམས་དཔལ། གཉལ་པ་ཆོས་ཀྱི་གྲགས་པ། བྱ་སྟོན་རིན་ཆེན་འོད། འཛིན་པ་བློ་ཆེན།