[A:༡༠༣བ]དབྱངས་བློ་གཏེར་དབང་པོ་མན་འདྲ། ཡང་ན། ངག་དབང་ཀུན་དགའ་རིན་ཆེན་ནས། ཁྲི་ཆེན་བཀྲ་ཤིས་རིན་ཆེན། རྡོ་རྗེ་གཞོན་ནུ་རིན་ཆེན་བཟང་པོ། འཇམ་དབྱངས་བློ་གཏེར་ཞབས་མན་གོང་བཞིན་ནོ། །
སྨད་ལས་དགྲ་བགེགས་སྒྲོལ་བའི་རྗེས་གནང་མཁན་ཆེན་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོའི་ཆོགས་སྒྲིགས་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཀུན་སྙིང་འཇིགས་མེད་དབང་རྒྱལ་རྡོ་རྗེ་ཡན་ཡབ་རྗེ་རྡོ་རྗེ་འཆང་ནས་ཞུས་པའི་བརྒྱུད་ཚུལ་དང་འདྲ་ཞིང་། དེ་ནས། མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ། མཁན་ཆེན་མཁྱེན་རབ་འཇམ་དཔལ་སྙིང་པོ། དེ་གཉིས་ཀས་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། དེས་ཞབས་དྲུང་རྡོ་རྗེ་འཛིན་པ་ངག་དབང་བསྟན་འཛིན་སྙིང་པོ། དེས་ཁོ་བོ་འཁོན་རིགས་པ་ལའོ།། །།
༈ དེ་ནས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་རྒྱུད་སྡེ་རིན་པོ་ཆེ་རྩོད་པ་མེད་པ་རྣམས་ལས་ལེགས་པར་བསྟན་ཅིང་ཚད་མར་གྱུར་པའི་པཎ་གྲུབ་རྣམས་ཀྱི་ཐུགས་ཉམས་སུ་བཞེས་ཤིང་གཏན་ལ་ཕབ་པ། གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་སྐྱེས་ཆེན་