R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༠༦བ
[A:༡༠༦བ]འཆང་གཞན་ཕན་སྙིང་པོ། ངག་དབང་བསྟན་འཛིན་སྙིང་པོ། དེས་ཁོ་བོ་འཁོན་གདུང་ཐེག་ཆེན་དཔལ་འབར་ལའོ། ། གསུམ་པ་ལ། སྒྲོལ་དཀར་བཀའ་བབས་ཐ་དད་པ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་རྩ་བའི་ཡིག་ཆ་དང་། འདིའི་ཐུན་མོང་མ་ཡིན་པའི་ཡིག་ཆའི་སྐོར་གཉིས་ལས། དང་པོ་ལ། ལོ་རྒྱུས་ནས། ཅེ་སྤྱང་སྔོན་མོའི་ལམ་སྲུང་གི་གསལ་བྱེད་བར་གྱི་བརྒྱུད་པ་ནི། ཚར་ཆེན་ནས། མཁྱེན་བརྩེ། བསླབ་གསུམ་པ། དབང་རབ། བཀའ་འགྱུར་བ། ཞྭ་ལུ་མཁན་ཆེན། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་བ། ཀུན་བློ། མཁན་ཆེན་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྡོ་རྗེ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་གཉིས། གཉིས་ཀ་ལས་རྗེ་མཁྱེན་བརྩེའི་དབང་པོ་སོགས་འདྲའོ། ། ཡང་ན། ནམ་མཁའ་འཆི་མེད་ནས། མཁས་དབང་བླ་མ་ཀུན་དགའ་དོན་གྲུབ། རྗེ་འཇམ་དཔལ་བཟང་པོ་གཉིས། དེ་ལས་རྗེ་མཁྱེན་བརྩེའི་དབང་པོ་སོགས་གོང་བཞིན་ནོ། ཡང་ན། ཀུན་དགའ་ལྷུན་གྲུབ་ནས།