R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༠༦ན
[A:༡༠༦ན]བཞིན། གཉིས་པ་ནི། ཚར་ཆེན་རིན་པོ་ཆེའི་ཉམས་ལེན་སྙིང་པོ་བསྡུས་པ་དང་། འཇམ་མགོན་མཁྱེན་བརྩེའི་དམིགས་རིམ་སྐྱབས་ཡུལ་ཞིང་ཁམས་མ་སྦྱར་བ་ལ། བླ་མ་བརྒྱུད་པའི་གསུང་སྒྲོས་ཀྱིས་བརྒྱན་པ་མུས་མཁན་ཆེན་རིན་ཆེན་ཆོས་ལྡན་གྱིས་མཛད་པའི་ཁྲིད་ཡིག་སོགས་ལ་གཞི་བྱས་ནས་དཔོན་སློབ་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་ཁྲིད་ཡིག་འཆད་ཐབས་དང་བཅས་པའི་སྟེང་ནས་ཉམས་ཁྲིད་རྒྱས་པར་ཐོབ་པའི་བརྒྱུད་པ་ནི། ཞྭ་ལུ་མཁན་ཆེན་ཡན་རྗེས་གནང་གི་བརྒྱུད་པ་དང་པོ་རྩ་བའི་བརྒྱུད་པ་དང་འདྲ། དེ་ནས། འདར་གྲང་ཆེན་མཁན་པོ་རིན་ཆེན་འཇམ་དཔལ། བྲག་རྩ་བློ་གསལ་བསྟན་སྐྱོང་། འཇམ་མགོན་ཀུན་དགའ་བློ་གྲོས། མུས་ཆེན་ཆོས་ཉིད་ཡེ་ཤེས། རྗེ་བཙུན་བསྟན་པའི་ཉི་མ། ཡབ་རྗེ་ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། འདྲེན་མཆོག་ངག་གི་དབང་པོ། མཚུངས་མེད་ངག་དབང་ལེགས་གྲུབ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་དབྱངས་བློ་གཏེར་དབང་པོ། འཇམ་དབྱངས་ཆོས་ཀྱི་ཉི་མ། རྡོ་རྗེ་