R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༠བ
[A:༡༠བ]ནས་གསན་པའི་བཀའ་གཏེར་ཟུང་འཇུག་གི་ཆོས་སྐོར་ལས། ཐོག་མར་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱི་ཡིག་སྟེང་ནས་ཕྱག་ལེན་དང་བཅས་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་བཏང་སྟེ། བུམ་པ་ལ་བརྟེན་ནས་ཁྲག་འཐུང་རིགས་ལྔའི་རིག་པའི་དབང་། ལྷ་དབང་། དུར་ཁྲོད་ཆས་དབང་། གཏོར་དབང་། ཤེར་དབང་། བཞི་པའི་དབང་དང་བཅས་པ་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་བཀའ་སྲོལ་མ་ཉམས་པར་ལེགས་པར་གནང། འཆི་མེད་ཚེའི་རྫོང་ཆུང་གི་དབང་ཡིག་ཆ་གོང་བཞིན་ཚེ་འགུག་འཆིང་། བསྡུ་བ། དབང་དངོས། སྦ་བ། སྤེལ་བ། ཚེ་རྫས་མྱང་བ། སྲུང་བ་རྣམས་སྨིན་རྒྱས་དང་། བཀའ་སྲུང་གིང་ལྔ་གཟའ་གདོང་གི་སྲོག་གཏད་ཀྱི་རྗེས་གནང་ཟབ་མོ་དང་བཅས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། ལོ་ཆེན་བེ་རོ་ཙ་ན། མངའ་བདག་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲོ་ཤེས་རབ་བླ་མ། འབྲུག་ཚར་གྱི་ཞང་སྟོན་གཟི་བརྗིད་འབར། གསང་ཆེན་དྲིན་