R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡༡ན
[A:༡༡༡ན]དཔལ་བཟང་། རྟོགས་ལྡན་རིན་ཆེན་འཕེལ་བ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིངས་ཀུན་སྤངས་པ་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། རིན་ཆེན་བསྟན་གསལ། བློ་གྲོས་ཆོས་འཕེལ། ངག་དབང་ཡེ་ཤེས། ཆོས་གྲགས་རྒྱ་མཚོ། ངག་དབང་ཆོས་ཀྱི་རྒྱ་མཚོ། ཀུན་བཟང་ཆོས་དབྱིངས་རྡོ་རྗེ། རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་འདྲ། ཡང་ན། ཝཱ་གིནྡྲ་མངྒ་ལ་ལས་ཐོབ་པའི་བརྒྱུད་པ་ཚོལ། ཚར་ཆེན་གྱིས་མཛད་པའི་དབང་ཆོག་པད་དཀར་བཞད་པའི་དགའ་སྟོན་མཛད་པ་པོ་མན་བྱིན་རླབས་ཀྱི་བརྒྱུད་པ་དང་འདྲའམ་སྙམ། བརྒྱུད་པའི་ཁ་སྐོང་དག་འཇམ་མགོན་བློ་གྲོས་མཐའ་ཡས་ཉིད་ལས་སོ། བློ་གསལ་བསྟན་སྐྱོང་གིས་མཛད་པའི་