R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡༡བ
[A:༡༡༡བ]ཚེ་ཁྲིད་ཀྱི་བརྒྱུད་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་མཛད་པ་པོ་ནས། དཀོན་མཆོག་བསྟན་པ་རབ་རྒྱས། དེ་ལས་མཁྱེན་བརྩེའི་དབང་པོ་མན་འདྲའོ། ། ༈ དཔལ་ས་སྐྱ་པ་སྔགས་འཆང་ཆེན་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་གྲུབ་རྒྱལ་ལུགས་ཀྱི་དབང་ཆོག་གི་སྟེང་ནས་ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ། འབའ་ར་བ་ཡན་གོང་དང་འདྲ། དེ་ནས་མཁས་བཙུན་བདེ་ལེགས་རིན་ཆེན། གངས་ཅན་ཀུན་དགའ་དཔལ་བཟང་། དབུ་མ་དཔལ་ལྡན་བཟང་པོ། ཆོས་རྗེ་དཔལ་མགོན་པ།
ལྡན་མགོན་པོ
འཇམ་དབྱངས་སངས་རྒྱས་རིན་ཆེན། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས། སྔགས་འཆང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། འཇམ་དབྱངས་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག །ངག་དབང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། རྡོ་རྗེ་འཆང་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་འཇམ་དབྱངས་མཁྱེན་བརྩེས་གསན་པ་ཡིན་ནམ་སྙམ་སྟེ་སླར་