R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༡བ
[A:༡༡བ] འཆང་ཀུན་དགའ་རིན་ཆེན། དེས་བདག་འཁོན་སྲས་ཐེག་ཆེན་དཔལ་འབར་ལའོ། ། ༈ རྟ་མགྲིན་དམར་པོ་སྐྱེར་སྒང་ལུགས་རྗེ་ཚར་ཆེན་གྱི་ཡིག་སྟེང་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཁྲོ་རྒྱལ་རྟ་མགྲིན། སྤྲུལ་སྐུ་པདྨ་འབྱུང་གནས། དབོན་སྟོན་སྐྱེར་སྒང་པ་དར་མ་སེངྒེ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མཁས་བཙུན་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་རྒྱལ་མཚན། དྲིན་ཅན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་བསོད་ནམས་ཆོས་འཕེལ། པཎ་ཆེན་ངག་དབང་ཆོས་གྲགས། བྱམས་པ་བསོད་ནམས་ལྷུན་གྲུབ། འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། མཚུངས་མེད་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་བསྟན་འཛིན་ལྷུན་གྲུབ། བྱམས་པ་ནམ་མཁའ་བསམ་འགྲུབ། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས། ཡབ་རྗེ་