R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༢ན
[A:༡༢ན]དབང་སྡུད་སྙིང་པོ། རྡོ་རྗེ་འཆང་པདྨ་བདུད་འདུལ་དབང་ཕྱུག ཁྱབ་བདག་བཀྲ་ཤིས་རིན་ཆེན། ངག་དབང་ཀུན་དགའ་སྙིང་པོ། དྲག་ཤུལ་ཕྲིན་ལས་རིན་ཆེན། དྲིན་ཅན་རྩ་བའི་བླ་མ་ཡབ་རྗེ་ཀུན་དགའ་རིན་ཆེན། དེས་བདག་འཁོན་རིགས་ལའོ། ། ཡང་ན། སྒྲུབ་བཏུས་སྨན་མཆོད་ན། ཚུལ་མགོན་རྗེས་སུ། ཐུགས་ཆེན་ཆོས་རྒྱལ། དོན་ཡོད་རྒྱལ་མཚན། ཀུན་དགའ་རྒྱལ་མཚན། དགེ་རྒྱམ། མོན་ཆོག་བསོད་ནམས་རྒྱ་མཚོ། ལྷ་བཙུན་དཔལ་འབྱོར་དོན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། རིག་འཛིན་པདྨ་ཕྲིན་ལས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ཀུན་དགའ་ལེགས་འབྱུང། ཀུན་བློ་མན་འདྲ། ཡང་ན། ངག་ཆོས་ནས། བྱམས་པ་བསོད་ནམས་ལྷུན་གྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་མན་འདྲ། ཡང་ན། ས་ཆེན་ཀུན་བློ་ནས། གྲུབ་དབང་རིན་རྒྱལ། གནས་ལྔ་ཀུན་བཀྲས། ཡབ་རྗེ་པད་འདུལ་མན་འདྲའོ། ། ༈ མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཡིག་སྟེང་ནས་