R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༢༢བ
[A:༡༢༢བ]པའི་སྒྲུབ་ཐབས་ཉིན་བྱེད་དང་། རྗེས་གནང་གི་ཡི་གེ་བཀླགས་པས་དོན་གྲུབ་ཀྱི་སྟེང་ནས་རྗེས་གནང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ་སྨྲ་བའི་སེང་གེ །ལྷ་མོ་དབྱངས་ཅན་མ། རྗེ་བཙུན་དམ་པ་སངས་རྒྱས། ཁ་ཆེ་གུ་ཧྱ་ཛྙཱ་ན། གླན་སྒོམ་ཡབ་སྲས། འོད་ཟེར་ཤཱཀྱ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ། སྐྱི་སྟོན་ཀཱིརྟི་དྷྭ་ཛ། དོལ་བུ་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྒྱལ་བ་ལྷ་མཆོག་སེང་གེ །པྲཛྙཱདྷྭ་ཛ། ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ཡེ་ཤེས་བཟང་པོ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་གྲུབ། ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་འདྲ། ཡང་ན། ལྷ་མཆོག་སེང་གེ་ཡན་གོང་ལྟར་ལ། དེ་ནས། དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ།