[A:༡༢༣ན]བྲང་ཏི་པཎ་ཆེན་ནམ་མཁའ་བསམ་འགྲུབ་བར་གོང་དང་འདྲ། དེ་ནས། ངག་དབང་ཤེས་རབ། རིན་ཆེན་གྲགས་པ། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་འདྲ།
ལུང་ལ། འཇམ་དཔལ་དམར་པོའི་གསུང་གི་སྒྲུབ་ཐབས་རྗེ་ཀ་མ་ལ་ཤྲཱི་ལས་མཛད་པ་ནས། དབང་སྡུད་འཁོར་ལོ་འབྲི་ཚུལ་གྱི་གསལ་བྱེད་བར་ཡིག་རྙིང་གི་ལུང་འོག་གསེར་པོད་བརྒྱུད་ཡིག་ལས་འབྱུང་བ་ལྟར་དང་། སྒྲུབ་རྗེས་ཡིག་ལུང་རྗེས་གནང་དང་འདྲའམ་སྙམ། སྨྲ་སེང་སྒྲུབ་ཐབས་ཡིག་རྙིང་། རྗེས་གནང་བཀླགས་པས་དོན་གྲུབ། བོགས་འདོན་སྒྲུབ་སྐོར་ཉིན་བྱེད་སྣང་བ། བརྒྱུད་འདེབས་བློ་གྲོས་རྒྱས་བྱེད་རྣམས་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱི་མཛད་པ། བརྒྱུད་འདེབས་བྱིན་རླབས་ནོར་བུའི་ཕྲེང་བ་ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་ངག་འདོན་དང་བཅས་པ་ཡེ་ཤེས་མཆོག་གི་ཉི་མ་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་རྣམས་ལས་དཔལ་གྲུབ་གསུང་རྣམས་རྗེས་གནང་དང་འདྲ་ལ། གཞན་གཉིས་སོ་སོའི་