R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༣༤བ
[A:༡༣༤བ]སྒྲུབ་ཐབས་རྗེས་གནང་དང་བཅས་པ་བློ་དམན་གོ་བདེ་ཇོ་ལུགས་ས་ལུགས་སྐྱེར་སྒང་ལུགས་བཅས་གཅིག་འདུས་འཇམ་མགོན་ཀུན་བློས་མཛད་པ་ལ་གསལ་བྱེད་ཅུང་ཟད་རྗེ་མཁྱེན་བརྩེའི་ཞབས་ཀྱིས་མཛད་པ། སྦྱིན་སྲེག་ཕྲིན་ལས་རབ་རྒྱས་དང་། སྐྱེར་སྒང་ལུགས་ཀྱི་ཡི་གེ་དྲུག་པའི་ལས་ཚོགས་ཉེར་མཁོ་བཏུས་པ་སངས་རྒྱས་ཕུན་ཚོག་ཀྱིས་མཛད་པ་བཅས་སོ་སོའི་བཀའ་འབུམ་དང་། ཡི་གེ་དྲུག་པའི་སྒྲུབ་ཐབས་བ་རི་བརྒྱ་རྩ་ལྟར་དང་། བསྟོད་པའི་བརྒྱུད་པ་འོག་ཏུ་ཤེས། ༈ རྗེ་བཙུན་ས་སྐྱ་པའི་གདམས་པ་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་འགྲོ་འདུལ་ཕྱག་བཞི་པ་གཙོ་རྐྱང་གི་རྗེས་གནང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་མཆོག་སྤྱན་རས་གཟིགས། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་བ། ས་ཆེན་གོང་མ་ལྔ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། བསོད་ནམས་སྐྱབས། གཟུངས་ཀྱི་དཔལ་བ། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་