R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༣༥ན
[A:༡༣༥ན]དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཡོངས་འཛིན་དཀོན་མཆོག་འཕེལ་བ། ལྷ་མཆོག་སེང་གེ །སངས་རྒྱས་སེང་གེ །ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ཀུན་དགའ་ལེགས་པ། སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་བློ། ཞལ་དཀར་བ་ངག་དབང་ཤེས་རབ། རིན་ཆེན་གྲགས་པ། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ་མན་འདྲ། ཡང་ན། དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། འཇམ་མགོན་ངག་དབང་ལེགས་གྲུབ། རྗེ་མཁྱེན་བརྩེ་མན་འདྲ། ལུང་ལ། ཇོ་བོ་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་རྗེ་ས་སྐྱ་པའི་མན་ངག་ཟབ་མོ་འཕགས་པ་རིན་པོ་ཆེས་མཛད་པ། རྗེས་གནང་ཐུགས་རྗེའི་ཆུ་རྒྱུན་ཞུ་ཆེན་གྱིས་མཛད་པ། ཉམས་ལེན་མདོ་ཁམས་ཤར་ཕྱོགས་མ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་བཀའ་འབུམ་ལྟར། ༈ གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་