[A:༡༣༨བ]གྲུབ་ཆེན་པོ་དམ་ཚིག་རྡོ་རྗེ། ཆུ་བཟང་བ་སྐལ་བཟང་མཁས་གྲུབ། བཤེས་གཉེན་བཀའ་འགྱུར་བ་ཆེན་པོ་གྲགས་པ་ཀླུ་སྒྲུབ། མཆོག་སྤྲུལ་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་ཐུགས་རྗེ་ཡོངས་གྲགས་དཔལ། རྗེ་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། འཇམ་པའི་དབྱངས་བློ་གཏེར་དབང་པོ། བྲག་རི་འཇམ་དབྱངས་ཆོས་ཀྱི་ཉི་མ། མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། ཐུགས་སྲས་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་སྙིང་པོ། དེས་ཁོ་བོ་འཁོན་གདུང་པ་ཨཱ་ཡུ་བཛྲའམ། ཐེག་ཆེན་དཔལ་འབར་ལ་དགེས་པ་ཆེན་པོས་བསྩལ་བའོ། །
ཡང་ན། ལྔ་པ་ཆེན་པོ་ཡན་སྔར་སྨོས་པ་ལྟར་ལ། དེ་ནས་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། རྗེ་ངག་དབང་བྱམས་པ། བྱེས་ཟུར་ངག་དབང་དོན་གྲུབ། བྲག་རི་རྡོ་རྗེ་འཆང་རྒྱ་མཚོ་མཐའ་ཡས། སྤང་ལུང་པ་ངག་དབང་ཆོས་འཛིན། སེར་རྩེའི་དགེ་བཤེས་སྐལ་བཟང་ཐོགས་མེད་དམ་སྐལ་བཟང་མཁས་གྲུབ། སྣང་། ལྷ་བཙུན་རིན་པོ་ཆེ་དོན་གྲུབ་རྒྱལ་མཚན། རྗེ་མཁྱེན་བརྩེའི་དབང་པོ་མན་གོང་ལྟར་རོ། །ལུང་ལ། བཅུ་གཅིག་ཞལ་དཔལ་མོ་ལུགས་མཁའ་འགྲོ་ལྔ་བསྐོར་གྱི་རྗེས་སུ་གནང་བའི་ཆོ་ག་གཞན་ཕན་ཟླ་ཟེར་རྗེ་བླ་མ་