R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༣༩ན
[A:༡༣༩ན]མཁྱེན་བརྩེ་ཉིད་ཀྱིས་མཛད་པ། ༒ སློབ་དཔོན་ལྷ་སྐྱེས་རོལ་པས་བཀྲལ་ཞིང་བ་རི་ལོ་ཙཱ་ནས་བརྒྱུད་པའི་དོན་ཡོད་ཞགས་པ་ལྷ་ལྔའི་རྗེས་གནང་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། ཤཱི་ལཱ་ཀ་ར། བཻ་རོ་ཙ་ན། ཨེ་རང་པ་ཏི། རིགས་ངན་རྣལ་འབྱོར་མ། དོན་ཡོད་རྡོ་རྗེ། དྷ་རྨ་པཱ་ལ། བསོད་སྙོམས་པ་ཆེན་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན། རྩེ་མོ་བ། རྩེ་མོ། གྲགས་རྒྱལ། ས་པཎ།
ཙོང་པོ་
གཙང་པ་ཞོར་བ། ལ་རུ་བ། བླ་མ་གྲགས་པ་དཔལ་ཆེན་པ། ཀུན་མཁྱེན་འཕགས་འོད། འདིར་བུ་སྟོན་སྣང་། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་ཀུན་མཆོག་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། རྗེ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་