R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༣༩བ
[A:༡༣༩བ]ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཆོས་ཉིད་ཡེ་ཤེས། ཡེ་ཤེས་རྒྱལ་མཆོག །བྱ་གཤོང་སློབ་ཟུར་བློ་གྲོས་རྒྱ་མཚོ། འཁོན་སྟོན་རྡོ་རྗེ་རིན་ཆེན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ་མན་འདྲ། ཡང་ན། རྨོར་ཆེན་ནས། དཔལ་ལྡན་ཆོས་སྐྱོང་། སངས་རྒྱས་དཔལ་བཟང་། བསོད་ནམས་དཔལ་བཟང་། ཆོས་ཉིད་ཡེ་ཤེས་མན་འདྲ། ལུང་ལ། འཕགས་པ་དོན་ཡོད་ཞགས་པའི་རྟོག་པའི་ཆོ་ག་བྱ་རྒྱུད་ལྟར་སྒྲུབ་ལུགས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། མཎྜལ་གྱི་ཆོ་ག །ལྷ་ལྔའི་བསྟོད་པ་དྷ་བྱང་ཆུབ་སེམས་དཔས་མཛད་པ། སྲུང་འཁོར་བྲི་ཚུལ། བྲི་ཐབས་དངོས། དོན་ཞགས་ལྷ་ལྔའི་སྒྲུབ་ཐབས་ཐར་པཎ་གྱིས་མཛད་པ། རྗེས་གནང་གོ་བདེ་བཀླགས་ཆོག་ངག་ཆོས་ཀྱིས་མཛད་པ་བཅས། གཞན་བཀའ་འབུམ་ལྟར་དང་། ངག་ཆོས་གསུང་རྗེས་གནང་ལྟར་དང་། ༈ སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་ལ་ཡེ་ཤེས་མཁའ་འགྲོས་དངོས་སུ་གདམས་པ་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་མདོ་ལུགས་མཛེ་གསོས་ཀྱིས་ཆེ་བ་ཇོ་བོ་རྗེ་ནས་བརྒྱུད་པའི་རྗེས་གནང་སྒྲུབ་ཐབས་རིན་འབྱུང་ལྟར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་མཁའ་འགྲོ་མ། གསེར་