R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༤ན
[A:༡༤ན]ཚར་ཆེན་ཆོས་ཀྱི་རྒྱལ་པོས་བཀའ་བསྡུ་བ་པོའི་ཚུལ་གྱིས་ཡོངས་འཛིན་མང་པོའི་ཞལ་སྒོ་ནས་བྱུང་བའི་རྣམ་ཐོས་སྲས་རིགས་མི་འདྲ་བ་ལྔ་ཕྲག་གསུམ་གྱི་ཆོས་སྐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དེ་ཀའི་རྒྱུན་བཟང་པོ་གནས་པ་ལས། འདིའི་གོང་བསྙེན་དུ། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་མཛད་པའི་ཕྱག་ལེན་བཅས་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པའི་རིགས་ཆེན་བཅོ་ལྔའི་རྗེས་གནང་ཆོག་ཁྲིགས་དངོས་གྲུབ་འདོད་འཇོའི་སྟེང་ནས། སྒྲིག་རིམ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གསན་ཡིག་གི་གོ་རིམ་ལྟར་བཀོད་པ་ལ། རྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་རྗེས་སུ་གནང་བ། ༡ འདི་དང་འབྲེལ་བར་ཤིན་ཏུ་གཉན་པ་སློབ་མ་དམ་ལྡན་བསྙེན་སོང་རེ་རེ་ཙམ་ལས་མང་པོར་མི་གནང་བའི་དྲག་པོའི་རྗེས་གནང་ཤིན་ཏུ་གཉན་ཅིང་བཀའ་བརྒྱ་དམ་པ། ཟངས་དཀར་བའི་གོང་ཁུག་སྲོ་མ་ཅན་ལས་བྱུང་བའི་གསང་སྒྲུབ་ལྗང་སེར་བེ་ཅོན་ཅན། ཡུམ་པདྨ་གཙུག་ཕུད་མ་སྟེ་ཡབ་ཡུམ་གཉིས་ཀྱི་རྗེས་གནང་སྟོད་ལུགས་ལས་འོངས་པ། ༢ སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྲང་པོ་