R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༣བ
[A:༡༣བ]རིག་འཛིན། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། མཐུ་ཆེན་དཔལ་ལྡན་ཆོས་སྐྱོང་། ཡབ་རྗེ་པདྨ་བདུད་འདུལ། ཐེག་ཆེན་བཀྲ་ཤིས་རིན་ཆེན། ཡང་ན། ས་ཆེན་ཀུན་བློ། གྲུབ་དབང་རིན་རྒྱལ། གནས་ལྔ་ཀུན་བཀྲས། ཡབ་རྗེ་པད་འདུལ། བཀྲ་ཤིས་རིན་ཆེན། རྡོ་རྗེ་འཆང་ཀུན་དགའ་སྙིང་པོ། རྡོ་རྗེ་འཆང་དྲག་ཤུལ་ཕྲིན་ལས་རིན་ཆེན། ཡབ་རྗེ་ངག་དབང་ཀུན་དགའ་རིན་ཆེན། དེས་བདག་ས་སྐྱ་པ་ཐེག་ཆེན་དཔལ་འབར་ལ་གནང་བའོ། ། ༈ འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་གི་ནོར་བུ་གྲུབ་པའི་སློབ་དཔོན་ཆེན་པོ་ཛ་ག་བྷ་དྲ་གརྦྷ་སྟེ་འགྲོ་བཟང་སྙིང་པོའི་ཞབས་ཀྱིས་རྒྱུད་དང་མན་ངག་སོགས་ལ་བརྟེན་ནས། འདུལ་བ་ལུང་སོགས་ནས་བཤད་པའི་ཆོས་སྐྱོང་བའི་སྲུང་མའི་དབང་པོ་རྒྱལ་པོ་ཆེན་པོ་ངལ་བསོས་པོ་ཞི་བ་ནོར་དུ་སྒྲུབ་པ་དང་། དྲག་པོ་མཐུ་རུ་སྒྲུབ་པ་སོགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་རྣམས། ཟངས་དཀར་ལོ་ཙཱ་བ་ཨཱརྱ་པྲཛྙཱ་སྟེ་འཕགས་པ་ཤེས་རབ་སོགས་ནས་བརྒྱུད་དེ་བཀའ་གཏེར་གསར་རྙིང་གི་སྐོར་བསམ་གྱིས་མི་ཁྱབ་པ་གངས་ཅན་གྱི་ལྗོངས་འདིར་དར་རྒྱས་སུ་བཞུགས་མོད་ཀྱང། དུས་དབང་གིས་ནུབ་ཏུ་ཉེ་བ་ན།