[A:༡༥ན]གར་མཁན་མཆོག་གི་རྒྱུད་ནས་རྣམ་སྲས་གར་མཁན་མཆོག་གུར་གུམ་གཞོན་ནུའི་མདངས་ཅན་ཞལ་བཞི་ཕྱག་བཅུ་དྲུག་པ་བསྟན་པའི་ཤུགས་ལ་སློབ་དཔོན་འགྲོ་བཟང་སྙིང་པོ་དང་། ཁ་ཆེ་རིན་ཆེན་རྡོ་རྗེ་སོགས་ཀྱིས་བཀྲལ་བའི་གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ་ལྷ་བརྒྱད་ཀྱིས་རྗེས་གནང་། ༡༡ དེ་ལ་ཅུང་ཟད་ཁ་བསྒྱུར་བ་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ་ཡུམ་བཅས་ཀྱི་རྗེས་གནང་། ༡༢ རྣམ་སྲས་དཀར་པོ་ཚེ་འཕེལ་ལྷ་དགུའི་རྗེས་གནང་། ༡༣ ལྷ་སྲས་མུ་ཏིག་བཙན་པོ་དང་། བློན་པོ་ཞང་ལྷ་བཟང་ཀླུ་དཔལ་གཉིས་བྷ་ད་ཧོར་གྱི་སྒོམ་གྲྭ་བཅོམ་པའི་དམག་ལ་བྱོན་སྐབས་དཔལ་ཨོ་ཌི་ཡ་ན་ཆེན་པོས་གནང་བའི་རྣམ་སྲས་ཞི་དྲག་གཉིས་ལས། ཞི་བ་ལྗང་ཡུལ་མ་འམ་སྤྲིན་གསེབ་མར་གྲགས་པ་ལྷ་དགུའི་རྗེས་གནང་། ༡༤ དྲག་པོ་ཡང་གསང་མདུན་དམར་ཅན་ཕྱག་མཚན་བཞི་པ་ལས་མཁན་དང་བཅས་པའི་གཙོ་འཁོར་གཉིས་པའི་རྗེས་གནང་། ༡༥ བཅས་ཐོབ།
དེ་ལྟར་རིགས་ཆེན་བཅོ་ལྔའི་རྗེས་སུ་གནང་བ་ཟངས་དཀར་ལོ་ཙཱ་བས་སྟོད་ཀྱི་ཕྱོགས་སུ་གཏུམ་སྟོན་བློ་གྲོས་གྲགས་པ་དང་། སྨད་ཀྱི་ཕྱོགས་སུ་གཡོར་པོ་ཇོ་