[A:༡༥བ]སྟོན་ལ་གནང་བའི་བརྒྱུད་པ་ཆུ་བོ་གཉིས་འདུས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་ཕྱག་བཞེས་ལྟར་ལེགས་པར་ནོས་པའི་ཐོག་མར། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། བྲམ་ཟེ་པྲཛྙཱ་ན། ཇོ་བོ་ཏེ་ཛ་དེབ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན། སུར་བསོད་ནམས་རིན་ཆེན། འཇང་ཕུ་པདྨ་བཀྲ་ཤིས། སྟག་པ་ཇོ་བཟང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་བཟང་། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་བ་བསོད་ནམས་སེང་གེ །ཡང་རྩེ་བ་རིན་ཆེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ། གྲུབ་པའི་དབང་ཕྱུག་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་རིན་ཆེན་མཆོག་གྲུབ། རྡོ་རིང་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །གྲུབ་མཆོག་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། མཚུངས་མེད་རིན་ཆེན་འཇམ་དཔལ།