R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༥༦བ
[A:༡༥༦བ]འཇམ་མགོན་བློ་གཏེར་དབང་པོ། འཇམ་དབྱངས་ཆོས་ཀྱི་ཉི་མ། རྡོ་རྗེ་འཆང་གཞན་ཕན་སྙིང་པོ། ཞབས་དྲུང་བསྟན་འཛིན་སྙིང་པོ། དེས་འཁོན་གདུང་ལའོ། ། ཡང་ན། མཁན་ཆེན་སངས་རྒྱས་ཕུན་ཚོགས་ནས། བསོད་ནམས་དཔལ་ལྡན། ནམ་མཁའ་བསམ་འགྲུབ། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད་མན་འདྲའོ། ། ལུང་ལ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཇོ་བོ་ནཱ་རོ་ཏ་པས་མཛད་པ་འབྲོ་ལོ་ཤེས་རབ་གྲགས་ཀྱི་འགྱུར་རྗེ་མཁྱེན་བརྩེའི་མཆན་ཅན། རྣལ་འབྱོར་བཅུ་གཅིག་ཉམས་སུ་ལེན་ཚུལ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བསྟོད་པ་དང་། བརྒྱུད་འདེབས་ངོར་ཆེན་གྱིས་མཛད་པར་ཐར་པཎ་དང་རྗེ་མཁྱེན་བརྩེའི་ཞལ་སྐོང་ཅན། བྱིན་རླབས་བྱ་ཚུལ་མཐོང་བ་དོན་ལྡན་ནམ་མཁའ་དཔལ་བཟང་གིས་མཛད་པར་ཞུ་དག་དང་ཁ་འཕང་དཀྱུས་སུ་བཅུག་པ། ཞི་བའི་སྦྱིན་སྲེག་ཐར་པཎ་གྱིས་མཛད་པ་བཅས། ༈ གྲུབ་དབང་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིས་བཀྲལ་བའི་ཨིནྡྲ་མཁའ་སྤྱོད་དམ། རྡོ་རྗེ་ཕག་མོ་ཞལ་གཉིས་མའི་བྱིན་རླབས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་