R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༥༧ན
[A:༡༥༧ན] ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ།
སྒྲུབ་ཐབས་རིན་འབྱུང་དུ། རྣལ་འབྱོར་མ། ཨིནྡྲ་བྷུ་ཏི་ནས། བལ་པོ་བྷ་རེནྡྲ་རུ་ཙི་བར་དཔྱལ་ལུགས་ཕག་མོ་སྐོར་གསུམ་དང་འདྲ་གསུངས།
གྲུབ་ཆེན་ལྭ་བ་པ། རྒྱལ་པོ་ཨི་ནྡྲ་བྷུ་ཏི། ལྕམ་ལཀྵྨྰི་ཀ་ར། བྲམ་ཟེ་བིརྺ་པ། གྲུབ་ཐོབ་ཤ་བ་རི་པ། མངའ་བདག་མཻ་ཏྲི་གུཔྟ། སློབ་དཔོན་བཛྲ་པཱ་ཎི། བལ་པོ་བྷ་རེནྡྲ་རུ་ཙི། བལ་པོ་ཡེ་ཤེས་རྡོ་རྗེ། དཔལ་ས་སྐྱ་གོང་མ་རྣམ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། དེས་གུང་རུ་ཤེས་རབ་བཟང་པོ་དང་། རིན་ཆེན་མཁྱེན་རབ་མཆོག་གྲུབ་གཉིས། གཉིས་ཀས་ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། བཅོ་བརྒྱད་པ་ངག་དབང་མཆོག་ལེགས་རྡོ་རྗེ། དེ་གཉིས་ཀས་མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ཀུན་དགའ་ལེགས་