R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༦༡ན
[A:༡༦༡ན]རྒྱ་མཚོ་ནས་བྱུང་བའི་གསང་འདུས་འཇམ་རྡོར་གཙོ་རྐྱང་གི་རྗེས་གནང་བརྒྱུད་པ་ནི། དེ་ཉིད་ཀྱི་བརྒྱུད་པ་དང་འདྲ། ༈ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པ་ནས་མཁས་གྲུབ་བར་མ་ཆད་པ་ལས་བརྒྱུད་པའི་བཅོམ་ལྡན་གཤིན་རྗེ་གཤེད་དམར་པོ་ལྷན་ཅིག་སྐྱེས་པའི་བྱིན་རླབས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསུང་རབ་དང་འབྲེལ་བར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། སླར་བཙལ། ལུང་ལ། གཤིན་རྗེ་གཤེད་དམར་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པ་བཀའ་འབུམ་ལྟར། གྲུབ་པའི་སློབ་དཔོན་འཇམ་པའི་དབྱངས་དང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ནས་བརྒྱུད་པའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཕྱག་གཉིས་པའི་རྗེས་གནང་རྭ་ལུགས་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི།
རྭ་ལུགས་དབང་ཆེན་དང་འདྲའམ་དཔྱད།
གོང་མ་ཚོལ། དེ་ནས་མུས་ཆེན་ཆོས་ཉིད་ཡེ་ཤེས། བསོད་ནམས་དབང་ཕྱུག །དཔལ་ལྡན་དོན་གྲུབ། བླ་མ་དགེ་འདུན་རྒྱ་མཚོ། རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ། རྗེ་མཁྱེན་བརྩེ་མན་འདྲ། ཡང་ན། ཀུན་དགའ་