R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༦༧བ
[A:༡༦༧བ]པ། ཆོས་རྗེ་བྱང་པ། ཆོས་རྗེ་མཆོག་ལྡན་ལེགས་པའི་བློ་གྲོས། དཔལ་ལྡན་སེང་གེ །བག་སྟོན་གཞོན་ནུ་ཚུལ་ཁྲིམས། ཐོག་སྟོན་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། གྲགས་པ་འབྱུང་གནས། བཀྲ་ཤིས་རྣམ་རྒྱལ། གཞོན་ནུ་རྒྱལ་མཚན། དཔལ་ལྡན་རིན་ཆེན། དགེ་འདུན་རྒྱལ་མཚན། ཡོན་ཏན་རྒྱ་མཚོ། དེ་ཝི་རི་པ། སྨོན་ལམ་བཟང་པོ། རིན་ཆེན་དཔལ་བཟང། རྗེ་མི་བསྐྱོད་རྡོ་རྗེ། སི་ཏུ་ཆོས་ཀྱི་གོ་ཆ། ཀརྨ་པ་དབང་ཕྱུག་རྡོ་རྗེ་མན་གོང་དཀར་ལུགས་སྒྲོལ་དཀར་དང་འདྲ། ལུང་ལ། འཕགས་མ་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་བཀྲ་ཤིས་ཆར་འབེབས་འཇམ་མགོན་ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པ་དེ་ཉིད་ཀྱི་ཞལ་ནས་ཀུན་གཟིགས་མཁྱེན་བརྩེས་གསན་པ་སྟེ། དེ་མན་ཆད་གོང་མ་རྣམས་ལྟར་རོ། ། ༈ གྲུབ་པའི་སློབ་དཔོན་ཨ་བྷ་ཡཱ་ཀ་རའི་བཀའ་སྲོལ་སྒྲུབ་ཐབས་རྒྱ་མཚོ་ལས་བྱུང་བའི་ཐུབ་པ་དམ་ཚིག་གསུམ་བཀོད་ལྷ་ལྔའི་རྗེས་གནང་གི་བརྒྱུད་པ་ནི། དེ་ཉིད་ཀྱི་སྤྱིའི་བརྒྱུད་པ་ལྟར། ལུང་། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་རྗེ་