[A:༡༦༨ན]མཁྱེན་བརྩེའི་གསུང་ལ་འཇམ་མགོན་ཡོན་ཏན་རྒྱ་མཚོས་ཞལ་བསྐང་གནང་བ། ༈ ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་ཐུབ་དབང་གནས་བརྟན་བཅུ་དྲུག་གི་རྗེས་གནང་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་རིན་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་དང་། ལུང་། མཆིམས་ཆེན་ནམ་མཁའ་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས། སྔགས་འཆང་ཆེན་མོའི་རྗེས་གནང་གི་ཟིན་བྲིས་བཅས་ཀྱི་བརྒྱུད་པ་བཙལ། ༈ དེ་དང་རྗེས་འབྲེལ་ཐུབ་དབང་གནས་བརྟན་བཅུ་དྲུག་ལ་ཕྱག་མཆོད་གསོལ་བ་གདབ་པའི་ཆོ་ག་ཐུབ་བསྟན་རྒྱས་པའི་དཔལ་ཡོན་ཀུན་འབྱུང་རྗེ་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་དེ་ཉིད་ལས་མཁྱེན་བརྩེས་གསན་པའོ། །
༈ རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ནས་བརྒྱུད་དཔལ་ལྡན་ས་སྐྱ་པ་ལ་བཀའ་བབས་པའི་རྟེན་འབྲེལ་སྲུང་བའི་བྱིན་རླབས་རྗེ་ས་ཆེན་གྱིས་གསུང་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ཤར་ཕྱོགས་ནག་པོ་པ། ཌ་མ་རུ་པ། གཉིས་སྤངས་