R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༦བ
[A:༡༦བ]ནས་བརྒྱུད་པའི་རྣམ་སྲས་སྟོད་ལུགས་སམ། བྱ་རྡོར་ལུགས་སུ་གྲགས་པའི་ཞི་བ་བདེ་བྱེད་སེར་ཆེན་ལྷ་དགུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ། གཏུམ་སྟོན་བློ་གྲོས་གྲགས། གཏུམ་མགོན་པོ་ཡོན་ཏན། ལུང་དགོན་པ་བ། མཁན་པོ་ལུང་སྟོན། སློབ་དཔོན་ལེགས་པའི་ཤེས་རབ། བྱ་རྡོར་བ་བྱང་ཆུབ་གཞོན་ནུ། མང་མཁར་བ་བློ་བཟང་དཀར་མོ། མང་མཁར་བ་བློ་བཟང་གྲགས་པ། བཟང་ལྡན་མཁན་ཆེན་ཤཱཀྱ་བློ་གྲོས། འབུལ་དཔོན་རྡོ་རྗེ་རྒྱལ་པོ། རྡོ་རྗེ་འཆང་སྒོ་རུམ་ཀུན་དགའ་ལེགས་པ། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཞྭ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། རིན་ཆེན་འཇམ་དཔལ། བློ་གསལ་བསྟན་འཛིན་རྒྱ་མཚོ། ས་ཆེན་ཀུན་དགའ་བློ་གྲོས། གྲུབ་དབང་རིན་ཆེན་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག །རྗེ་བཙུན་སྐལ་བཟང་ཆོས་ཀྱི་ཉི་མ། དཔོན་སློབ་ཤེས་རབ་ཕུན་ཚོགས། བདག་ཆེན་ཀུན་དགའ་