[A:༡༧ན]སྙིང་པོ། དྲག་ཤུལ་ཕྲིན་ལས་རིན་ཆེན། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན། དེས་བདག་ལ་གནང་བའོ། །
ཡང་རྡོ་རྗེ་རིན་ཆེན་པའི་གསན་ཡིག་ན། ཕྱག་རྡོར་དང་། རིགས་ཆེན་བཅོ་ལྔ་ཡོངས་རྫོགས་ཀྱི་རྗེས་གནང་གི་བརྒྱུད་པར་ཀུན་བློ་མ་བཞུགས་པས་གོ་རིམ་དབང་རབ་ནས། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། དཔོན་མཁྱེན་རབ་རྣམ་རྒྱལ། ནམ་མཁའ་དབང་གི་རྒྱལ་པོ། གོང་དཀར་བ་མང་ཐོས་རྒྱ་མཚོ། བློ་གྲོས་དབང་ཕྱུག །
རིན་ཆེན་རྒྱལ་མཚན། ལྔ་རིག་ཀུན་བཀྲས་ཞེས་འབྱུང་བ་འདི་རང་དག་པར་སེམས་ཞེས་རྡོ་རྗེ་འཆང་ཀརྨ་རཏྣའི་གསན་ཡིག་ན་གསལ། ཡང་ན། རྗེ་དབང་རབ་ནས། འཇམ་མགོན་ཨ་མེས་ཞབས། ཞ་ལུ་བ་མན་འདྲ།
ཟངས་དཀར་ལོ་ཙཱ་བས་སྨད་ཀྱི་ཆར་གཡོར་པོ་ཇོ་སྟོན་ལ་གནང་བའི་སྨད་ལུགས་སུ་གྲགས་པའི་རྒྱལ་པོ་ཆེན་པོ་ངལ་བསོས་པོ་ཞི་བ་བདེ་བྱེད་སེར་ཆེན་ལྷ་དགུ་དང་། དྲག་བྱེད་བཞོན་པ་མེད་པ་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་བུ་སྟོན་རིན་པོ་ཆེའི་ཕྱག་བཞེས་ལྟར་ཐོབ་པའི་བརྒྱུད་པ་ནི། ཟངས་དཀར་ལོ་ཙཱ་བ་ཡན་གོང་བཞིན་ལ། དེ་ནས་གཡོར་པོ་ཇོ་སྟོན། བཅུར་པུར་བསོད་ནམས་