R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༧༡ན
[A:༡༧༡ན]པོས་གསན་པ་ནས་འདྲ། ཡང་ན། ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། གཉིས་ཀ་ལས་ཀརྨ་པཱ་ད། མཁྱེན་བརྩེའི་དབང་པོ་མན་འདྲ། ཡང་ན། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཡན་དེའི་གསན་ཡིག་ལྟར་ལ། དེ་ནས་རིན་ཆེན་མཆོག་གྲུབ། འཇམ་དབྱངས་བསྟན་འཛིན། བླ་མ་ཀུན་དགའི་མཚན་ཅན། ངག་དབང་བརྟན་པ། རྗེ་ངག་དབང་ལེགས་གྲུབ། མཁྱེན་བརྩེ་མན་འདྲའོ། ། ལུང་ལ། སངས་རྒྱས་སྨན་བླ་མཆེད་བདུན་གྱི་རྗེས་གནང་བྱ་ཚུལ་བཀླགས་ཆོག་དོན་གྲུབ་བསམ་འཕེལ་ནམ་མཁའ་དཔལ་བཟང་གིས་མཛད་པར་རྗེ་མཁྱེན་བརྩེས་གསལ་བྱེད་གནང་བ། བདེ་གཤེགས་བདུན་ལ་གསོལ་བ་གདབ་ཚུལ་ཁྱེར་བདེ་དྷརྨ་དྲས་མཛད་པ་དང་། སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཆོད་པའི་སྙིང་པོ་ཉམས་སུ་ལེན་ཚུལ་འདི་ཕྱིའི་རེ་སྨོན་ཀུན་འགྲུབ་སྔགས་འཆང་ཀུན་དགའ་བསོད་ནམས་ཀྱིས་མཛད་པ་གཉིས་ཀྱི་བརྒྱུད་པ་བཙལ། ༈ བཅོམ་ལྡན་འདས་འོད་དཔག་མེད་འཁོར་དང་བཅས་པ་ལ་མཆོད་ཅིང་གསོལ་བ་གདབ་