R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༧༡བ
[A:༡༧༡བ]པའི་ཆོ་ག་ཐར་པའི་ཤིར་རྟ་འཇམ་མགོན་ཡོན་ཏན་རྒྱ་མཚོས་མཛད་པ། མཛད་པ་པོ་ཉིད་ཀྱི་ཞལ་སྔ་ནས་རྗེ་མཁྱེན་བརྩེས་གསན་པ་མན་འདྲ། ༈ ཇོ་བོ་རྗེ་ལྷ་གཅིག་ནས་བརྒྱུད་བཀའ་གདམས་པའི་མན་ངག་སྣར་ཐང་བརྒྱ་རྩ་ལས་བྱུང་བའི་མི་འཁྲུགས་པ་གཙོ་རྐྱང་གི་རྗེས་གནང་ཞུ་ཆེན་པའི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ་དབྱངས། སློབ་དཔོན་ཡེ་ཤེས་སྙིང་པོ། ཡེ་ཤེས་ཞི་བ། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སཱ་ལི་ཆེ་བ། ཆུང་བ་དགེ་བ་ཅན། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་དཱི་པཾ་ཀ་རའམ། ཉེ་བརྒྱུད་ལྟར་ན། རྡོ་རྗེ་འཆང་། ཇོ་བོ་དཱི་པཾ་ཀ་ར། རྣལ་འབྱོར་པ་བྱང་ཆུབ་རིན་ཆེན། སྤྱན་སྔ་བ་ཚུལ་ཁྲིམས་འབར། བྱ་ཡུལ་བ་གཞོན་ནུ་འོད། མུས་སྨན་པ། ཕྱར་ཆེན་པ། གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། འདུལ་འཛིན་གྲགས་པ་བརྩོན་འགྲུས། མཆིམས་བློ་བཟང་གྲགས། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དབང་སྟོན་གྲུབ་པ་ཤེས་རབ། ཁུ་སྟོན་བསོད་ནམས་མཆོག་གྲུབ། དཔལ་འབར་དཔལ་ལྡན་དོན་གྲུབ།