R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༧༤ན
[A:༡༧༤ན]མཁན་པོ་ཟུལ་ཕུ་བ། སློབ་དཔོན་དཀོན་མཆོག་སེང་གེ །དེ་གཉིས་ཀ་ལས་མཁས་བཙུན་ཚུལ་ཁྲིམས་རིན་ཆེན། དེ་ནས་བླ་མ་དར་མ་བཟང་པོ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། བླ་མ་རྒྱལ་མཚན་དོན་གྲུབ། གཙང་པ་རིན་ཆེན་རྒྱལ་མཚན། བྱ་བཏང་བོདྷི་སཏྭ། འཇམ་དབྱངས་རིན་ཆེན་གྲགས་པ། སྤྱན་སྔ་བསོད་ནམས་ལྷ་དབང་། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལྕག་ཐང་རབ་འབྱམས་པ་བསོད་ནམས་དཔལ་ལྡན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས། ས་ཆེན་ཀུན་དགའ་བསོད་ནམས། འཇམ་དབྱངས་བསོད་ནམས་དབང་ཕྱུག །མཁན་ཆེན་བསོད་ནམས་མཆོག་གྲུབ། ཀུན་གཟིགས་ལྔ་པ་རིན་པོ་ངག་དབང་བློ་བཟང་རྒྱ་མཚོ། གནས་བརྟན་འཇམ་དབྱངས་གྲགས་པ། རབ་འབྱམས་པ་བློ་བཟང་ཆོས་འཛིན། བྲག་གཡབས་སྤྲུལ་སྐུ་བློ་བཟང་བརྟན་པ། བྱ་བཏང་ཆོས་རྡོ་རྗེ། ཞང་ཞུང་པ་དགེ་སློང་ཡེ་ཤེས་མཐའ་ཡས། ཀུན་མཁྱེན་མཆོག་འཇིགས་མེད་དབང་པོ། ཁྲི་ཆེན་བསོད་ནམས་དབང་རྒྱལ། མཁན་ཆེན་དཀོན་མཆོག་རྒྱལ་མཚན།