[A:༡༧བ]
རིན་ཆེན། འཇད་ཕུ་བ་པདྨ་བཀྲ་ཤིས། སྟག་པ་ལྷ་རྗེ་ཇོ་བཟང། ཁྲོ་ཕུ་ལོ་ཙཱ་བ། གནུབས་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་བ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ནམ་མཁའ་མཆོག་གྲུབ་དཔལ་བཟང་། ཆོས་རྗེ་རིན་ཆེན་དཔལ་གྲུབ། སྐུ་ཞང་རིན་ཆེན་མཁྱེན་རབ། རིན་ཆེན་མཆོག་གྲུབ་དཔལ་བཟང་། དེ་ལ་རྗེ་བཙུན་རྡོ་རིང་པ་ཆེན་པོ་དང་། ཆོས་རྗེ་བཀྲ་ཤིས་དཔལ་འབྱོར་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་ཚར་ཆེན་ཆོས་ཀྱི་རྒྱལ་པོ། དེ་ནས་བརྒྱུད་ཚུལ་ལེ་ཚན་རྣམས་གོང་དང་འདྲ། ཀུན་བློའི་གསན་ཡིག་ན་བརྒྱུད་ཚུལ་གཞན་ཡང་མང་དུ་སྣང་།
བརྒྱུད་པ་མི་འདྲ་བ་གཅིག་ན། རྡོ་རྗེ་འཆང་། ཕྱག་རྡོར། སློབ་དཔོན་ཀཱ་མ་རུ་པ། སློབ་དཔོན་ཀ་ཧྣ་པ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་རྡོར། ཁ་ཆེ་པྲ་ཛྫ་ན། ཁ་ཆེ་ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ། ཞུ་ས་སྐྱ་པ། ཇོ་བཙུན་གྲགས་སེང། རྒྱ་སྟོན་གྲུབ་པ་པོ། རྒྱ་སྟོན་གྲུབ་མཆོག །བླ་མ་རྡོ་རྗེ་དཔལ། ཁྲོ་ཕུ་སེམས་དཔའ་ཆེན་པོ་མན་འདྲ།
ཡང་སྐྱོར་མོ་ལུང་པའི་ཕྱག་ལེན་ལྟར་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་