[A:༡༨༣བ]སྒོམ་བཟླས་ཡན་ལག་དང་བཅས་པ་བྱིན་རླབས་ཟླ་ཞུན་གྱི་ཆུ་བོའི་སྟེང་ནས་སྒོམ་བཟླས་ཡིག་ལུང་བཅས། མཛད་པ་པོ་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་ཞལ་སྔ་ནས་རྗེ་བླ་མ་མཁྱེན་བརྩེས་གསན་ནོ། །
༈ བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་སྦྱིན་སྲེག་དང་བཅས་པ་ལ། རྗེ་བཙུན་གྲགས་པའི་རྩ་ལྟུང་འཁྲུལ་སྤོང་ལས་ལྟུང་བ་ལས་ལྡང་བའི་ཐབས་ཁོལ་དུ་ཕྱུང་བ། སྒྲུབ་ཐབས་སྡིག་སྒྲིབ་ཀུན་འཇོམས་འཇམ་མགོན་ཀུན་བློས་མཛད་པའི་སྒོམ་བཟླས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་ནས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ཀུན་དགའ་རིན་ཆེན། འཇམ་མགོན་རྡོ་རྗེ་རིན་ཆེན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ་ནས་འདྲའོ། །
སྦྱིན་སྲེག་གི་ཆོ་ག་འོང་གསལ་རྡོ་རྗེ་མི་ལོང་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་ལུང་མཁྱེན་བརྩེས་གསན་པ་མན་འདྲ།
༈ བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སོགས་ལ་སྨྲེ་བཤགས་ཀྱིས་གསོལ་བ་གདབ་པ་ཐུགས་དམ་གནད་ནས་བསྐུལ་བའི་གདུང་དབྱངས་རྗེ་ངག་དབང་ལེགས་གྲུབ་