[A:༡༨༦བ]ནམ་མཁའ་བསམ་གྲུབ། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། འཇམ་པའི་དབྱངས་བློ་གཏེར་དབང་པོ་སོགས་འདྲའོ། །
ལུང་ལ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པའི་སྐོར་ལ། སེང་གེ་སྒྲའི་སྒྲུབ་ཐབས་ཙནྡྲ་གོ་མཱིས་མཛད་པ་བ་རིའི་འགྱུར། སྒྲུབ་ཐབས་ཀྱི་དཀའ་འགྲེལ་ས་བཅད་དང་བཅས་པ་རྗེ་ས་ཆེན་གསུང་། སྒྲུབ་ཐབས་དང་གདོན་དགྲོལ་གྱི་ཆོ་ག །ཡིག་བརྒྱ། བསྡུས་དོན། ལས་སྦྱོར་སོགས་མངོན་རྟོགས་ཉེ་བར་གསལ་བ་རྗེ་བཙུན་བསོད་ནམས་རྩེ་མོ་ནས་མཛད་པ། སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་དཀོན་མཆོག་ལྷུན་གྲུབ། བསྙེན་ཐབས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་རྣམས་ནི་བ་རི་བརྒྱ་རྩ་དང་། སོ་སོའི་གསུང་འབུམ་ལྟར།
༈ སེང་གེ་སྒྲའི་གདོན་དགྲོལ་གྱི་ཆོ་ག་རིན་ཆེན་ཕྲེང་མཛེས་ནག་པོ་འགྲོ་ཤེས་སུ་བཀོད་པ་དཔོན་སློབ་ངག་དབང་བློ་གྲོས་པས་མཛད་པ་བཙལ། བརྒྱུད་འདེབས་སངས་རྒྱས་ཕུན་ཚོགས་ཀྱིས་