R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༨བ
[A:༡༨བ]བརྒྱུད་པ་ནི། མཁྱེན་རབ་ཆོས་རྗེ་ནས། སྐུ་ཞང་རིན་ཆེན་མཆོག་གྲུབ། འཇམ་དབྱངས་བྱང་གླིང་རྗེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། འདི་ཐོབ་པའི་གང་ཟག་གིས་རྣམ་སྲས་ལ་མཆོད་གཏོར་མི་བཅག་ཅིང་། རྗེས་གནང་ཞུ་དུས་ཏིང་ངེ་འཛིན་གསལ་བ་དང་། མཇུག་ཏུ་རྣམ་སྲས་ཀྱི་ཚེ་སྒྲུབ་ཉམས་སུ་ལེན་དགོས་པར་སྣང་ངོ་། ། ཡང་དྲག་པོ་དང་མ་འབྲེལ་བའི་རྣམ་སྲས་སེར་ཆེན་སྨད་ལུགས་ཀྱི་རྗེས་གནང་གི་བརྒྱུད་པ་ལུགས་གཅིག་ནི། ཁྲོ་ཕུ་ལོ་ཙཱ་བ་ནས་མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་བཀའ་བཞི་བ། མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ངག་དབང་ལྷུན་གྲུབ་བཀྲ་ཤིས། མཁན་ཆེན་ཀུན་དགའ་དཔལ་འབྱོར། ཆོས་ལུང་མཁན་ཆེན་ནམ་མཁའ་ལྷུན་གྲུབ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཟངས་དཀར་ལོ་ཙཱ་བའི་གོང་ཁུག་སྲོ་མ་ཅན་གྱི་ཟབ་ཆོས་གསང་སྒྲུབ་ལྗང་སེར་བོ་ཅོན་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ཡན་རྣམ་སྲས་སེར་ཆེན་ལྟར་ལ་