R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༡༩ན
[A:༡༩ན]དེ་ནས་མཁན་ཆེན་གཙང་པ་དབང་ཕྱུག་གྲགས། མཁས་པ་བྱང་ཆུབ་སེང་གེ །མཁན་ཆེན་དང་མ་བ་བརྩོན་འགྲུས་བྱང་ཆུབ། ཐོག་སྟོན་ཤེས་རབ་རྡོ་རྗེ། བླ་མ་རིན་ཆེན་རྒྱ་མཚོ། བླ་མ་རིན་ཆེན་དཔལ། བླ་མ་རིན་ཆེན་ཆོས་གྲགས་པ། བླ་མ་ཤཱཀྱ་ཡེ་ཤེས། མཁན་ཆེན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། ཆོས་རྗེ་ཀུན་དགའ་ཚེ་འཕེལ། གླང་ཐང་སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཆོར་ཆེན་ཆོས་ཀྱི་རྒྱལ་པོ། དེ་གཉིས་ཀ་ལས་རྗེ་མཁྱེན་བརྩེ་དང་། རིན་པོ་ཆེ་བོད་མཁར་བ་གཉིས་ཀྱིས་གསན་པའི་ལུགས་གཉིས་ཀ་སེར་ཆེན་ལྟར་ལ་རྗེ་དབང་རབ་ཀྱི་རྗེས་སུ་མཁན་ཆེན་ཞཱ་ལུ་བ་ངེས་པར་བཞུགས་སོ། ། ཡང་ཀླུ་སྒྲུབ་ཀྱི་རྒྱལ་ཆེན་རྟ་སྔོན་བདུད་མོ་བཞིས་བསྐོར་དང་། ནང་མ་མོ་ལྟར་སྒྲུབ་པ་ལྷ་དགུ། དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ་མདུང་དམར་ཅན་ལྷ་བཅུ་གསུམ། ཡང་གསང་སྲིན་པོ་བཞིས་བསྐོར། ཤུ་རམ་ག་ཝརྨ་ལུགས་ཀྱི་རྣམ་སྲས་མཐིང་ག་ལྷ་བཅོ་ལྔ། རྣམ་སྲས་དམར་སེར་ལས་མཁན་མདུང་དམར་ཅན་དང་བཅས་པ། གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ། རྣམ་སྲས་དཀར་པོ་ལྷ་དགུའི་ཚེ་དབང་དང་བཅས་