[A:༢༠༣ན]བློ་གྲོས་བཟང་པོ། མཁྱེན་རབ་ཆོས་རྗེ། ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ས་སྐྱ་ལོ་ཙཱ་བ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་པ་ཤེས་རབ་འབྱུང་གནས། དྲིན་ཆེན་ཀུན་དགའ་ལེགས་པ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། བསྟན་འཛིན་ལྷུན་གྲུབ། དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མཆོག་གྲུབ། ནམ་མཁའ་འཆི་མེད། བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། རྗེ་བླ་མ་བརྩེའི་དབང་པོ་མན་འདྲ།
ཡང་ན། སངས་རྒྱས་ཕུན་ཚོགས་ནས། རྗེ་བསོད་ནམས་དཔལ་ལྡན། ནམ་མཁའ་བསམ་གྲུབ། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། །
ལུང་ལ། བྱད་མ་འབུམ་རྡུགས་ཀྱི་འཁོར་ལོ་ཞེས་ལོ་རྒྱུས། ལས་ཚོགས་ཉེར་ལྔ། ཕྱིར་ཟློག་པའི་ཐབས་རྒྱས་བསྡུས། དྲག་མོ་ལ་བརྟེན་ནས་བཟློག་པ་སྟེ་བླ་མ་ས་སྐྱ་པ་ནས་བརྒྱུད་པའི་མན་ངག །སྒྲུབ་ཐབས་ཐལ་རྡེབ་བཅས། སྤྱན་འདྲེན་མཆོད་བསྟོད་ཚར་ཆེན་གྱིས་མཛད་པ། སྒྲུབ་ཐབས་ཉུང་བསྡུས་དང་བསྟོད་པ་མཁྱེན་བརྩེས་མཛད་པ་རྣམས་གསེར་པོད་ལྟར། སྒྲུབ་ཐབས་