R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༠༤ན
[A:༢༠༤ན] པའི་ཡིག་ཆ་དང་ཞལ་ཤེས་བཞིན་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་། གཏོར་མའི་བཀའ་བསྒོ་སྦྱར་བ། ལུང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་སེང་གདོང་ཅན། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་གོང་མ་ལྔ། རོང་པ་རྡོ་རྗེ་རྒྱལ་མཚན། སངས་རྒྱས་ཡེ་ཤེས། གཡག་སྡེ་པཎ་ཆེན། རྒྱལ་བ་ཙོང་ཁ་པ། རྗེ་དགེ་འདུན་གྲུབ་པ། པཎ་ཆེན་ལུང་རིགས་རྒྱ་མཚོ། གཙང་དགེ་འཕེལ་བ་ཐུབ་བསྟན་རྣམ་རྒྱལ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། གུ་རུ་སངས་རྒྱས་བཀྲ་ཤིས། བསམ་འགྲུབ་སྒང་པ་བློ་བཟང་ངག་དབང་། ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ། བླ་མ་ངག་དབང་བརྩོན་འགྲུས། བྲག་གཡབས་བློ་བཟང་བརྟན་པ། གདོང་ཀོམ་ཕུན་ཚོགས་རྒྱ་མཚོ་འམ་ཆོས་ཀྱི་རྡོ་རྗེ། ཞང་ཞུང་པ་ཡེ་ཤེས་མཐའ་ཡས། དཀོན་མཆོག་འཇིགས་མེད་དབང་པོ། རྗེ་བློ་བཟང་སྙན་གྲགས། དཔལ་མང་དཀོན་མཆོག་རྒྱལ་