[A:༢༠༤བ]མཚན། ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་འདྲའོ། །
ལུང་ལ། སེང་གདོང་སྔོན་མོ་གཙོ་འཁོར་གསུམ་མའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་རྡོ་རྗེའི་སྤྲིན་ཆར་རྗེ་མཁྱེན་བརྩེས་མཛད་པ། ༈ བོ་དོང་གྲུབ་ཆེན་སངས་རྒྱས་མགོན་པོའི་ཉེ་བརྒྱུད་སེང་གདོང་རིགས་ལྔའི་རྗེས་གནང་ཡིག་རྙིང་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པ་ནི་སླར་བཙལ།
ལུང་ལ། སེང་གདོང་རིགས་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ཕྲིན་ལས་རྣམ་རོལ་རྗེ་མཁྱེན་བརྩེས་མཛད་པ། ༈ །མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་ཡེ་ཤེས་ཀྱི་ཌཱ་ཀིནཱིས་དངོས་སུ་གནང་བའི་མཁའ་འགྲོ་མ་སེང་གེའི་གདོང་ཅན་དམར་མོའི་རྗེས་སུ་གནང་བ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་ཡིག་སྟེང་ནས་ལེགས་པར་ཐོབ་པའི་བརྒྱུད་པའང་བཙལ།
ལུང་ལ་པཎ་ཆེན་ནགས་རིན་ལུགས་སེང་གདོང་མ་དམར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་མཁའ་འགྲོ་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་རྗེ་བླ་མ་མཁྱེན་བརྩེས་མཛད་