[A:༢༥༠བ]
སྟག་ལུང་ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། གྲགས་པ་ལེགས་གྲུབ། འཇམ་དཔལ་རྒྱ་མཚོ། ངག་དབང་གྲགས་པ། དཔལ་འབྲི་གུང་པ་ཆེན་པོ་ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། བསྟན་འཛིན་འགྲོ་འདུལ། ལྷོ་དཀོན་མཆོག་ཆོས་ཀྱི་རྒྱལ་མཚན། དོན་གྲུབ་ཆོས་ཀྱི་རྒྱལ་པོ། བསྟན་འཛིན་ཆོས་ཀྱི་ཉི་མ། མགར་ཆོས་ཀྱི་ཉི་མ། སྤྲུལ་སྐུ་ཆོས་ཉིད་ནོར་བུ། རྗེ་དཀོན་མཆོག་བསྟན་འཛིན། དེ་ལས་ཀུན་མཁྱེན་མཁྱེན་བརྩེས་ཏེ། མན་ཆད་འདྲའོ། །ཡང་ན། དོན་གྲུབ་ཆོས་ཀྱི་རྒྱལ་པོ་ནས། དཀོན་མཆོག་བསྟན་འཛིན། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་ཉི་མ། ངག་དབང་བསྟན་པའི་ཉི་མ། རྗེ་མཁྱེན་བརྩེ་ནས་འདྲ།
༈ སྒེག་པའི་རྡོ་རྗེའི་ལུགས་ཀྱི་གསང་འདུས་དང་། སྒྲ་གཅན་འཛིན་དཔལ་བཟང་པོའི་ལུགས་ཀྱི་དུས་འཁོར་ནི། རྡོ་རྗེ་འཆང་། རཱ་ཧུ་ལ་ཤྲཱི། བི་ཁྱཱ་ཏ་དེ་བ། བུདྡྷ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། བླ་མ་བསོད་ནམས་དབང་ཕྱུག །ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་