[A:༢༥༡ན]གེ །དགྲ་བཅོམ་པ་ཡོན་ཏན་བློ་གྲོས། སྤྱང་ལུང་པ། རེད་མདའ་བ་ཆེན་པོ། པཎ་ཆེན་ཤཱཀྱ་མཆོག་ལྡན། བྱང་སེམས་ཤེས་རབ་དཔལ་འབྱོར། རྗེ་བཙུན་ཀུན་དགའ་གྲོལ་མཆོག །རྗེ་ལུང་རིགས་རྒྱ་མཚོ། རྗེ་ཀུན་དགའ་སྙིང་པོ་མན་གོང་བདེ་མཆོག་ལྟར་རོ། །
༈ ཤཱནྟི་པའི་ལུགས་ཀྱི་ཀྱེ་རྡོ་རྗེ་ནི་གོང་གི་བདེ་མཆོག་དང་འདྲའོ། །ཞེས་བྱུང་སྟེ་དབང་ཁྲིད་ཀྱི་བརྒྱུད་པ་སོ་སོར་བཞུགས་ན་འདི་ལྟར་ཡིན་རུང་ཞིང་། བརྒྱུད་ཁུངས་ལེགས་པར་དཔྱད་པ་འོས་སོ། །
༈ དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་འཁོན་ལུགས་ཡང་དག་ཟླ་གམ་གཅིག་མའི་བྱིན་རླབས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་དཔལ་ཧེ་རུ་ཀ །རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བ། སངས་རྒྱས་གསང་བ། ཧཱུཾ་ཀ་ར། པདྨ་ཐོད་ཕྲེང་། བི་མ་མི་ཏྲ། ཤཱི་ལ་མཉྫུ། རྡོ་རྗེ་བདུད་འཇོམས། ཛྙཱ་ན་ཀུ་མཱ་ར། འཁོན་ཀླུ་དབང་