R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༦༣བ
[A:༢༦༣བ]འདྲའོ། ། ༈ ཀུན་བློས་མཛད་པའི་གཉན་སྒྲོལ་གྱི་རྗེས་གནང་གི་ལུང་། ཀུན་བློ། རིན་ཆེན་རྒྱལ་མཚན། མཁྱེན་རབ་དགེ་འཕེལ། བསྟན་འཛིན་ཕྲིན་ལས་མན་འདྲ། ༈ རྟ་མགྲིན་ཟླ་རྒྱལ་ལུགས་ཀྱི་རྗེས་གནང་གི་ལུང་ནི། ཀུན་བློ་ནས། བསྟན་འཛིན་ཕྲིན་ལས་མན་འདྲ། ༈ གྲུབ་ཐོབ་ཚེ་དབང་འཆི་མེད་རྡོ་རྗེའི་རྒྱ་མདུད་མཛད་པ་པོ། ཀུན་དགའ་བཀྲ་ཤིས། མཁན་ཆེན་སངས་རྒྱས་དཔལ་བཟང་། མུས་ཆེན་བསོད་ནམས་དཔལ་བཟང་། གནས་གསར་བ། ཀུན་བློ། ནམ་མཁའ་འཆི་མེད། ཀུན་བློ་ཡེ་ཤེས། བླ་མ་ཕྲིན་ལས་རབ་རྒྱས། རྗེ་མཁྱེན་བརྩེ་ནས་འདྲའོ། ། ༈ རྨོར་ཆེན་གྱིས་མཛད་པའི་ཁྱུང་ནག་གི་རྗེས་གནང་ལུང་བཅས། རྨོར་ཆེན། གནས་གསར་བ། བོད་འབྲུག་པ། ཁྲི་ཆེན་ངག་དབང་ཀུན་མཁྱེན། རྗེ་བསྟན་འཛིན་ཕྲིན་ལས་མན་གོང་རི་ཁྲོད་མའི་རྗེས་གནང་གི་ལུང་བརྒྱུད་དང་འདྲའོ། ། ༈ ཀུན་བློས་མཛད་པའི་གཉན་སྒྲོལ་རྗེས་གནང་གི་ལུང་། ཀུན་བློ། བསྟན་འཛིན་ཕྲིན་ལས་ནས་གོང་བཤད་