R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༦༤ན
[A:༢༦༤ན]མ་ཐག་པ་ལྟར་རོ། ། ༈ ཐར་རྩེས་མཛད་པའི་སྨྲེ་བརྩེགས་ལྗང་ནག་གི་རྗེས་གནང་ལུང་བཅས། རྗེ་དྷརྨ་བརྡྷ། ཕྲིན་ལས་ཡོན་ཏན་ནས་གོང་འདྲ། ༈ རྨོར་ཆེན་ནས་མཛད་པའི་སྨེ་བརྩེགས་དུད་ཁའི་རྗེས་ལུང་། རྨོར་ཆེན། གནས་གསར་བ། ཀུན་བློ། གཟིམས་འོག་གོང་མ། གུ་ཎ། རྗེ་བསྟན་འཛིན་སྙན་གྲགས། མཁྱེན་བརྩེའི་དབང་པོ་ནས་འདྲའོ། ། ༈ གཙུག་འབར་དང་འཇམ་དབྱངས་དམར་སེར་ཀྱང་དེ་དང་འདྲ། ༈ །ཕུར་པའི་སྒྲུབ་ཐབས་ངེས་དོན་ཐིག་ལེ་ཀུན་བློས་མཛད་པ། ཀུན་བློ་ནས། རིན་ཆེན་རྒྱལ་མཚན། ཀུན་བཀྲས། དངོས་དཔལ། གུ་ཎ། མན་འདྲའོ། ། ༈ རྨོར་ཆེན་གྱིས་མཛད་པའི་ཁྱུང་ཁྲའི་སྒྲུབ་རྗེས། རྨོར་ཆེན། གནས་གསར་བ། བོད་འབྲུག་པ། ཁྲི་ཆེན། གུ་ཎ་མན་འདྲ། ༈ །སེང་གདོང་སྔོན་མོ་ཐར་པཎ་རྗེས་ལུང་། པཎ་ཆེན་ནས། མཆོག་ལེགས་སོགས། གནས་གསར་བ་ནས། བོད་འབྲུག་པ། ངག་དབང་ཀུན་མཁྱེན།