[A:༢༦༥ན]འཛིན། བློ་བཟང་དགེ་ལེགས་བསྟན་འཛིན། དམ་ཚིག་རྡོ་རྗེ། གྲགས་པ་བློ་བཟང་། ཀ་ཆེན་བློ་བཟང་དགེ་ལེགས་ཀུན་ཁྱབ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་ནས་འདྲའོ། །
རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་གཏོར་ཆོག་ནག་འགྲོས་སུ་བསྒྲིགས་པ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་མཆོད་གཏོར་འབུལ་ཚུལ། ཐུག་གསོལ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་གསེར་སྐྱེམས་བཅས་ཀྱི་བརྒྱུད་པ་ནི། རྒྱལ་བ་དགེ་འདུན་རྒྱ་མཚོ། དབེན་ས་པ་བློ་བཟང་དོན་གྲུབ། སངས་རྒྱས་ཡེ་ཤེས། བློ་བཟང་ཡེ་ཤེས། བློ་བཟང་ཆོས་རྒྱན། དཀོན་མཆོག་རྒྱལ་མཚན། བློ་བཟང་ཡེ་ཤེས། བློ་བཟང་བཟོད་པ། དཔལ་ལྡན་ཡེ་ཤེས། བློ་བཟང་བསྟན་འཛིན། བསྟན་འཛིན་དཔལ་འབྱོར། དཔལ་ལྡན་གྲགས་པ། བཀའ་ཆེན་བློ་བཟང་དགེ་ལེགས། རྗེ་བླ་མ་མཁྱེན་བརྩེའི་དབང་པོ་ནས་མན་ཆད་འདྲའོ། །
༈ རྗེ་མཁྱེན་བརྩེའི་ཞབས་དངོས་ཀྱིས་གསན་ཡུལ་ཙམ་ལས་བརྒྱུད་པ་ཕྱག་ཐོར་མ་འཁོད་པ་ཚེ་དཔག་མེད་