[A:༢༧༡ན]ལོའི་གསེར་ཆོས་ཛཾ་བྷ་ལ་སུམ་སྒྲིལ་གྱི་གདམས་པ་ལས་སྦྱོར་ཁོ་ན་ལག་ཏུ་ལེན་པའི་མན་ངག་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། དབང་རབ་ཡན་དམར་ཆུང་སྐོར་གསུམ་རྗེས་གནང་དང་འདྲ། དེ་ནས་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་བློ་མན་གོང་དམར་ཆུང་སྐོར་གསུམ་དང་འདྲ། ཚོགས་བདག་སྐོར་གྱི་ལུང་། མཁྱེན་བརྩེ་ཡན་ཚར་ལུགས་རྗེས་གནང་དང་འདྲ་ལ། དེ་ནས་དབང་རབ། མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་རྣམ་རྒྱལ། ཀུན་དགའ་བཀྲ་ཤིས། རྨོར་ཆེན་མན་གོང་ཛཾ་དམར་དང་འདྲ་བ་ལས་རྡོ་རྗེ་རིན་ཆེན་དང་། དཀོན་མཆོག་བསྟན་པ་རབ་རྒྱས། གཉིས་ཀ་ལས་རྗེ་མཁྱེན་བརྩེས་ཏེ། མན་སྤྱི་འདྲ།
འདོད་རྒྱལ་ཡིག་ལུང་། འཕགས་པ་ཡན་རྗེས་གནང་དང་འདྲ། དེ་ནས་མཁས་གྲུབ་དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་ནས། ཚར་ཆེན། མཁྱེན་བརྩེ། གཉིས་ཀ་ལས་དབང་རབ། དེ་མན་ཚོགས་བདག་