[A:༢༧༡བ]ཚར་ལུགས་དང་འདྲ། ཆོས་སྲུང་ནོར་ལྷའི་སྐོར་གྱི་ཡིག་ལུང་གོང་དཀྱུས་སུ་སོང་ལ་དེ་ལས་གུར་མགོན་སྐོར་ངག་དབང་ལེགས་གྲུབ་དང་། རྣམ་སྲས་སྐོར་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གསལ་མདུན་ནས་གསན་ཏོ། །
མཐའ་རྟེན་མགོན་དཀར་ཡིད་བཞིན་ནོར་བུའི་བརྒྱུད་པ་གོང་དུ་སོང་ཞིང་། རྣམ་སྲས་དཀར་པོ་ཚེ་འཛིན་གྱི་རྗེས་གནང་གཟིམས་འོག་བསྟན་འཛིན་སྙན་གྲགས་ཡིག་སྟེང་ནས་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། ཚར་ཆེན་ནས། མཁྱེན་བརྩེ། དབང་རབ། ངག་ཆོས། ས་སྐྱ་པ་ཀུན་བསོད། ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ལེགས་འབྱུང་། ངག་དབང་བློ་གསལ་ཕུན་ཚོགས། མཁྱེན་རབ་འགྱུར་མེད་མཆོག་གྲུབ། བྱམས་པ་ཕྲིན་ལས་ཡོན་ཏན། ངག་དབང་བསྟན་འཛིན་སྙན་གྲགས། རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་འདྲའོ། །
༈ རས་ཆུང་ལུགས་ཚེ་དཔག་མེད་དཀར་པོ་ཕྱག་བཞི་པ་རིན་འབྱུང་ནས་བྱུང་བའི་རྗེས་གནང་ནི་དེ་ཉིད་ཀྱི་བརྒྱུད་པ་ལྟར།
༈ བཀྲ་ཤིས་ཚེ་རིང་མཆེད་ལྔའི་