[A:༢༧ན]མ་འདུས་པའི་གསུང་འཐོར་བུ་ཉེར་མཁོའི་སྐོར་གཞན་རགས་བསྡུས་འཕྲོས་དོན་གྱི་ཚུལ་དུ་སྨོས་པའོ། །དང་པོ་ལའང་བཞི། བླ་མ་ཚད་མར་བྱ་བའི་སླད་དུ་བླ་མ་རྒྱ་བོད་ཀྱི་རྣམ་ཐར། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པ་དབང་དང་ཁྲིད་ཀྱི་གཞུང་ཤིང་ཆེན་མོ། དེའི་རྩ་བ་བསྟན་བཅོས་ཚད་མའི་སྐོར། དེ་རྣམས་ཀྱི་འཕྲོ་གཞི་བཀའ་ཚད་མའོ། །
དང་པོ་ལ། སྣ་སེལ་རྗེས་གནང་གསུམ་གྱི་བརྒྱུད་པ་ནི། འོག་ཚོགས་བཤད་སྐབས་སུ་འབྱུང་ལ། དངོས་གཞིའི་ཐོག་མར་སྣང་གསུམ་སྐབས་སྔ་ཆོས་སུ་བསྩལ་བའི་ལུང་གི་སྐོར་ལ། བླ་མ་ཚད་མར་ངེས་ཤེས་སྐྱེ་བའི་ཕྱིར་བླ་མ་བརྒྱུད་པ་རྒྱ་གར་བའི་ལོ་རྒྱུས། བིརྺ་པའི་གསུང་མགུར་སྐད་གཉིས་ཤན་སྦྱར་མ། བོད་ཀྱི་ལོ་རྒྱུས་བཅས་རྗེ་བཙུན་ཆེན་པོས་མཛད་པ། ས་ཆེན་གྱི་རྣམ་ཐར་རྗེ་བཙུན་གྱིས་མཛད་པ། སློབ་དཔོན་རིན་པོ་ཆེའི་རྣམ་ཐར་རྗེ་བཙུན་གྱིས་མཛད་པ་མཆན་བཅས་ཡར་ལུང་པས་དག་པར་བྱས་པ། རྗེ་བཙུན་གྱི་རྣམ་ཐར་མནལ་ལམ་མ་དང་། ཡང་དེའི་རྣམ་ཐར་ས་པཎ་གྱིས་མཛད་པ། ས་པཎ་རྣམ་ཐར་རིན་ཆེན་དཔལ་གྱིས་མཛད་པ། འཕགས་པའི་རྣམ་ཐར་ཡེ་ཤེས་རྒྱལ་མཚན་གྱིས་