[A:༢༧བ]མཛད་པ། ཚོགས་སྒོམ་རྣམ་ཐར་གཉགས་སྙིང་པོ་རྒྱལ་མཚན་གྱིས་མཛད་པ། ཉན་ཆེན་རྣམ་ཐར་རིན་ཆེན་སེང་གེས་མཛད་པ། རིན་ཆེན་སེང་གེའི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། ཞང་དཀོན་མཆོག་དཔལ་གྱི་རྣམ་ཐར་དགེ་སློང་དཔལ་ལྡན་གྱིས་མཛད་པ། བྲག་ཕུག་པའི་རྣམ་ཐར་བློ་གྲོས་བརྟན་པས་མཛད་པ། བླ་མ་དམ་པའི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། བློ་གྲོས་བརྟན་པའི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། དཔལ་ལྡན་ཚུལ་ཁྲིམས་ཀྱི་རྣམ་ཐར་མུས་ཆེན་གྱིས་མཛད་པ། བུདྡྷ་ཤྲཱིའི་རྣམ་ཐར་ངོར་ཆེན་གྱིས་མཛད་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་ཐར་ཁ་སྐོང་དང་བཅས་པ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ་རྣམས་ལས། རྗེ་བཙུན་གྱི་རྣམ་ཐར་ས་པཎ་གྱིས་མཛད་པ་མ་གཏོགས་གཞན་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། མཛད་པ་པོ་སོ་སོ་ནས་བརྒྱུད་དེ་ཡབ་རྗེ་དམ་པ་ཀུན་དགའ་བློ་གྲོས་བར་འོག་ལམ་འབྲས་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་ལྔ་རིག་པ་ཀུན་དགའ་བཀྲ་ཤིས། བྱམས་པ་སྨོན་ལམ་གྲགས་པ། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་དབང་བསོད་ནམས་རྒྱལ་མཚན་