R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༢༧༦ན
[A:༢༧༦ན]སྒྲུབ་བཏུས་པོད་བཅུ་བཞི་པོ་འདི་ནང་གི་དབང་རྗེས་གནང་ལུང་ཁྲིད་ཡོངས་སུ་རྫོགས་པ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་བསྟན་འཛིན་སྙིང་པོའི་ཞལ་སྔ་ནས་ཐོབ་པ་ཡིན་པས་དེས་ན་འདིའི་ནང་དུ་བརྒྱུད་རིམ་དངོས་སུ་ཞལ་གསལ་འཁོད་པ་དང་། མ་འཁོད་པ་གསན་ཡིག་གཞན་ལས་ཚོལ་དགོས་པ་རྣམས་དང་། སྒྲུབ་བཏུས་འདི་ཉིད་ཀྱི་ཁོངས་སུ་བཞུགས་འོས་པའི་གདམས་ངག་རྣམས་ཀྱང་དོན་གཉེར་ཆེན་པོས་བཙལ་ནས་གཞུག་པའི་རྣམ་དབྱེ་རྣམས་མ་འཆོལ་བ་རང་གི་དྲན་གསོ་དང་། གཞན་དག་ལའང་འདོམས་པའི་ཕྱིར། གསང་བདག་རྡོ་རྗེ་སྙིང་པོའི་སྒྲུ་འཕྲུལ་འཇམ་དབྱངས་བློ་གཏེར་དབང་པོས་མཛད་པའི་སྒྲུབ་བཏུས་བརྒྱུད་ཡིག་པོད་ང་པའི་ནང་བཞུགས་པ་ལ་བརྒྱུད་པའི་ཞལ་སྐོང་འཇུག་དགོས་པ་རྣམས་བཅུག་ཅིང་ཕྲན་བུའི་ཚིག་བཅོས་ཞུ་དགོས་པ་རྣམས་མ་གཏོགས་བརྒྱུད་ཡིག་དེ་རང་ཞལ་བཤུས་པ་ཡིན་པས་ཡིད་ཆེས་པའི་གནས་སུ་དགོངས་འཚལ། ཞེས་པ་དེ་རྣམས་ནི་རིམ་པར་ཕྱེ་བ་གསུམ་པ་ཞབས་དྲུང་རིན་པོ་ཆེ་ངག་དབང་